查看原文
其他

那曲市应对新冠肺炎疫情工作领导小组办公室公告(36号)

那曲融媒 2022-09-24

那曲市应对新冠肺炎疫情工作领导小组

办公室公告

〔2022〕36号


疫情发生以来,在以习近平同志为核心的党中央的亲切关怀下,在以王君正书记为班长的自治区党委坚强领导下,在新冠肺炎疫情防控西藏工作组有力指导下,在自治区省级包保地市疫情防控督导组全力督导下,通过浙江、辽宁、成办医院专家无私援助、全市50多万人民群众的理解支持,那曲市克服自然环境严酷、社会发育落后叠加等多种困难,于8月26日实现了“社会面清零”,疫情防控工作取得阶段性防控成效。8月26日以来,那曲市除发生输入型病例和管控区病例以外,已连续20天未发生市域内本土病例。在征求新冠肺炎疫情防控西藏工作组、自治区省级包保地市疫情防控督导组意见的基础上,经专家组综合研判,已实现“动态清零”目标。现将有关事宜公告如下:

一、坚持“外防输入、内防反弹”总策略和“动态清零”总方针不动摇。结合实际进一步优化完善疫情防控指挥体系,压实“四方”责任,坚决筑牢疫情防控屏障,持续做好疫情防控各项工作。

二、有序恢复社会面生产生活。市域无疫县(区)和连续7天以上未发生新增病例的县(区)有计划、有步骤地恢复人员流动,恢复社会生产经营活动,逐步放开药店、超市等民生服务场所,进出人员必须严格落实个人防护措施,商家必须履行查验职责,对外来进入那曲辖区内运输物资的货车和人员实行点对点闭环管理和终末消杀。各级党政机关企事业单位、生产经营单位等有序恢复正常工作秩序。餐饮服务业不堂食,提供外卖、外带服务。各级各类学校根据自治区统一安排有序开展复学复课,公交、出租车、市域内班线客运暂不运营。继续暂停开放网吧、酒吧、电影院、KTV等人员密集场所以及寺庙等宗教场所;继续闭环管理儿童福利院、养老院、监所等特殊场所。

三、提升精准管控能力。坚持科学精准防控,落实“早发现、早报告、早隔离、早治疗”措施,切实加强重点时段、重点地区、重点人群疫情监测,全面落实重点人员管理和核酸检测工作,做到重点人员“一天一检”,其他人员“三天一检”。突出提升核酸检测能力,增强监测预警灵敏性,一旦发现疫情,迅速“管控排查”,在规定时间内将风险人员“筛干捞尽”。

四、统筹疫情防控和经济社会发展。落实好“疫情要防住,经济要稳住,发展要安全”的要求,稳妥推进复工复产,压实企业、项目建设单位疫情防控主体责任,落实“点对点”闭环管理措施。

五、做好人员健康监测。广大群众要自觉遵守疫情防控规定,主动配合核酸检测,必须佩戴口罩,落实测温扫码、查验健康码及行程码等措施。坚持勤洗手、常清洁、用公筷等卫生习惯,若出现发热、干咳、乏力、咽痛、嗅(味)觉减退等不适症状,立即到医院发热门诊就诊并及时按程序报告。

解封不等于解防,放宽不等于放松。我市将一如既往坚持“外防输入、内防反弹”总策略和“动态清零”总方针不动摇,科学精准从严从紧做好常态化疫情防控,请广大人民群众继续支持疫情防控各项措施,巩固来之不易的防疫成果,共同守护健康家园。


 

那曲市应对疫情工作领导小组办公室

2022年9月14日        



ནག་ཆུ་གྲོང་ཁྱེར་གྱི་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་གསལ་བསྒྲགས།

【2022】ཨང་36པ།


རིམས་ནད་ཐོན་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་པན་ཀྲང་གནང་བའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྟོབས་ལྡན་འགོ་ཁྲིད། ཏོག་གསར་གློ་ཚད་རིམས་ནད་འགོག་ཟོན་བོད་ལྗོངས་ལས་དོན་ཙུའུ་ཡི་མཛུབ་ཁྲིད་ནུས་ལྡན། དེ་བཞིན་རང་སྐྱོང་ལྗོངས་ཞིང་ཆེན་རིམ་པའི་འགན་འཁྲི་གཙང་ལེན་གྱི་ས་ཁུལ་དང་གྲོང་ཁྱེར་གྱི་རིམས་ནད་འགོག་ཟོན་ལྟ་སྐུལ་མཛུབ་སྟོན་ཙུའུ་ཡི་མཛུབ་སྟོན་ནུས་ལྡན་བཅས་ཀྱི་འོག  ཀྲེ་ཅང་དང་། ལིའོ་ཉིང་། ཁྲེང་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའུ་ཡི་སྨན་ཁང་བཅས་ཀྱི་ཆེད་ལས་མཁས་པའི་སྒེར་སེམས་མེད་པར་རོགས་སྐྱོར་དང་། གྲོང་ཁྱེར་ཡོངས་ཀྱི་མི་དམངས་མང་ཚོགས་ཁྲི་50ལྷག་ཙམ་གྱིས་བསམ་ཤེས་དང་རྒྱབ་སྐྱོར་བྱས་པ་བརྒྱུད། ནག་ཆུ་གྲོང་ཁྱེར་གྱིས་རང་བྱུང་ཁོར་ཡུག་ཞན་པ་དང་། སྤྱི་ཚོགས་འཕེལ་རྒྱས་རྗེས་ལུས་ཡིན་པ་སོགས་ཀྱི་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་ཏེ། ཟླ་8ཚེས་26ཉིན་སྤྱི་ཚོགས་ཐོག་ལ་གཙང་བཟོ་ཐུབ་ཡོད་ཅིང་། རིམས་ནད་འགོག་ཟོན་ལས་དོན་ལ་དུས་མཚམས་རང་བཞིན་གྱི་འགོག་ཟོན་ཕན་འབྲས་ཐོན་ཡོད། ཟླ་8ཚེས་26ཉིན་གྱི་ཚུན་དུ་ནག་ཆུ་གྲོང་ཁྱེར་དུ་ཕྱི་ནས་འགོས་པའི་ནད་དཔེ་དང་དམ་བསྒྲགས་ཁུལ་གྱི་ནད་དཔེ་ཐོན་པ་ཕུད། བསྟུད་མར་ཉིན་20རིང་གྲོང་ཁྱེར་ནང་ཁུལ་གྱི་རང་ཡུལ་ནད་དཔེ་ཐོན་མེད་པས། ཏོག་གསར་གློ་ཚད་རིམས་ནད་འགོག་ཟོན་བོད་ལྗོངས་ལས་དོན་ཙུའུ་དང་། རང་སྐྱོང་ལྗོངས་ཞིང་ཆེན་རིམ་པའི་འགན་འཁྲི་གཙང་ལེན་གྱི་ས་ཁུལ་དང་གྲོང་ཁྱེར་གྱི་རིམས་ནད་འགོག་ཟོན་ལྟ་སྐུལ་མཛུབ་སྟོན་ཙུའུ་ཡི་བསམ་འཆར་བསྡུ་ལེན་བྱས་པའི་རྨང་གཞིའི་ཐོག  ཆེད་ལས་མཁས་པས་ཕྱོགས་བསྡུས་མཐའ་དཔྱོད་བྱས་པ་བརྒྱུད། སྐབས་བསྟུན་གཙང་བཟོའི་དམིགས་ཚད་མངོན་གྱུར་ཐུབ་ཡོད་ཅིང་། ད་ལྟ་འབྲེལ་ཡོད་དོན་དག་གསལ་བསྒྲགས་བྱེད་རྒྱུ་གཤམ་གསལ། གཅིག  "ཕྱི་ནས་མི་འགོས་པ་དང་ནང་དུ་བསྐྱར་ལོག་མི་ཡོང་བའི"སྤྱིའི་ཐབས་ཇུས་དང་"སྐབས་བསྟུན་གཙང་བཟོའི"སྤྱིའི་བྱེད་ཕྱོགས་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས། དོན་དངོས་དང་ཟུང་འབྲེལ་བྱས་ཏེ་རིམས་ནད་འགོག་ཟོན་བཀོད་འདོམས་མ་ལག་སྔར་བས་ལེགས་སུ་དང་འཐུས་སྒོ་ཚང་དུ་བཏང་ནས། "ཕྱོགས་བཞིའི"འགན་འཁྲི་ནན་དཀྲི་བྱེད་པ་དང་རིམས་ནད་འགོག་ཟོན་སྲུང་ཡོལ་མཐའ་གཅིག་ཏུ་བརྟན་པོ་བསྐྲུན་ཏེ། རིམས་ནད་འགོག་ཟོན་གྱི་ལས་དོན་ཁག་རྒྱུན་མཐུད་ངང་ཡག་པོ་བསྒྲུབ་དགོས། གཉིས། སྤྱི་ཚོགས་ཁྱོན་ཡོངས་ཀྱི་ཐོན་སྐྱེད་དང་འཚོ་བ་གོ་རིམ་ལྡན་པའི་སྒོ་ནས་སླར་གསོ་བྱེད་དགོས། གྲོང་ཁྱེར་མངའ་ཁོངས་ཀྱི་རིམས་ནད་མེད་པའི་རྫོང་(ཆུས)དང་། བསྟུད་མར་ཉིན་7ཡན་ནད་དཔེ་གསར་དུ་འཕར་མེད་པའི་རྫོང་(ཆུས)གིས་འཆར་གཞི་ཡོད་པ་དང་གོ་རིམ་ལྡན་པའི་སྒོ་ནས་མི་སྣ་འགྲོ་བསྐྱོད་དང་སྤྱི་ཚོགས་ཀྱི་ཐོན་སྐྱེད་གཉེར་སྐྱོང་བྱེད་སྒོ་སླར་གསོ་བྱས་ཏེ། སྨན་རྫས་ཚོང་ཁང་དང་། སྒོ་རྩིས་ཚོང་ཁང་སོགས་དམངས་འཚོའི་ཞབས་ཞུ་བྱ་ཡུལ་རིམ་བཞིན་སྒོ་ཕྱེ་དགོས་ཤིང་། ཡར་འཛུལ་མར་དོན་བྱེད་མཁན་གྱིས་ངེས་པར་དུ་མི་སྒེར་གྱི་འགོག་སྲུང་བྱེད་ཐབས་དོན་འཁྱོལ་བྱེད་དགོས་པ་དང་། ཚོང་དུད་ཀྱིས་ངེས་པར་དུ་རྟགས་བཤེར་འགན་འཁྲི་འཁུར་དགོས། ཕྱི་ནས་ཡོང་བའི་ནག་ཆུའི་མངའ་ཁོངས་སུ་དངོས་ཟོག་སྐྱེལ་འདྲེན་བྱེད་མཁན་རླངས་འཁོར་དང་མི་སྣར་གནས་གཅིག་ལ་གཅིག་གཏད་ཀྱིས་ཟླུམ་འཁོར་དོ་དམ་དང་དུག་སེལ་འབུ་གསོད་བྱེད་དགོས། རིམ་ཁག་ཏང་སྲིད་ལས་ཁུངས་དང་། ཁེ་ལས་དང་བྱ་གཞག་ཚན་པ་དང་ཐོན་སྐྱེད་གཉེར་སྐྱོང་ཚན་པ་སོགས་ཀྱིས་གོ་རིམ་ལྡན་པའི་སྒོ་ནས་རྒྱུན་གཏན་གྱི་ལས་ཀའི་སྒྲིག་ལམ་སླར་གསོ་བྱེད་དགོས། བཟའ་བཏུང་ཞབས་ཞུའི་ལས་རིགས་ཀྱིས་ཟ་ཁང་ནང་ཟ་མ་མི་ཟ་བར་བཟའ་བཅའ་མངག་སྐྱེལ་དང་ཕྱིར་ཉོའི་ཞབས་ཞུ་མཁོ་འདོན་བྱེད་དགོས་པ་དང་། རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭས་རང་སྐྱོང་ལྗོངས་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་གོ་རིམ་ལྡན་པའི་ངང་སློབ་ཚན་དང་སློབ་ཁྲིད་བྱེད་འགོ་ཚུགས་དགོས། སྤྱི་སྤྱོད་རླངས་འཁོར་དང་། བོགས་གཏོང་རླངས་འཁོར། གྲོང་ཁྱེར་མངའ་ཁོངས་ནང་གི་རྒྱུན་བཙུགས་འགྲོ་ལམ་གྱི་འགྲུལ་སྐྱེལ་རླངས་འཁོར་གནས་སྐབས་རིང་ལས་གཉེར་མི་བྱེད་རྒྱུ་དང་། དྲ་ཁང་དང་། ཆང་ཁང་། གློག་བརྙན་ཁང་། KTVསོགས་མི་མང་འདུ་འཛོམས་བྱེད་ཡུལ་དང་དགོན་སྡེ་སོགས་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་མུ་མཐུད་ནས་ལས་གཉེར་བྱེད་མཚམས་འཇོག་དགོས། བྱིས་པའི་ཕན་བདེ་ཁང་དང་། རྒན་གསོ་ཁང་། བཙོན་ཁང་སོགས་དམིགས་བསལ་གནས་ཡུལ་ལ་མུ་མཐུད་ནས་ཟླུམ་འཁོར་དོ་དམ་བྱེད་དགོས།གསུམ། གནད་འཕིགས་ལྟ་སྡོམ་ནུས་པ་མཐོ་རུ་གཏོང་དགོས། ཚན་རིག་དང་མཐུན་ཞིང་གནད་ལ་འཕིགས་པའི་སྒོ་ནས་འགོག་ཟོན་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། "སྔ་ཙམ་ནས་ཤེས་རྟོགས་དང་། སྔ་ཙམ་ནས་སྙན་ཞུ། སྔ་ཙམ་ནས་ལོགས་བཀར་འཇོག་པ། སྔ་ཙམ་ནས་སྨན་བཅོས་བྱེད་རྒྱུའི"བྱེད་ཐབས་ལག་བསྟར་བྱས་ནས། གཙོ་གནད་དུས་མཚམས་དང་། གཙོ་གནད་ས་ཁུལ། གཙོ་གནད་མི་ཚོགས་བཅས་ཀྱི་རིམས་ནད་བྱུང་ཚུལ་ལ་ལྟ་ཞིབ་བྱེད་ཤུགས་ཆེ་རུ་ཏན་ཏིག་གཏོང་དགོས་པ་དང་། གཙོ་གནད་མི་སྣར་དོ་དམ་དང་ཉིང་སྐྱུར་བརྟག་དཔྱད་ལས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། གཙོ་གནད་མི་སྣར་ཉིན་གཅིག་བཤེར་གཅིག་དང་དེ་མིན་གྱི་མི་སྣར་ཉིན་གསུམ་བཤེར་གཅིག་ཐུབ་པ་བྱེད་དགོས། ཉིང་སྐྱུར་བརྟག་དཔྱད་བྱེད་ནུས་མངོན་གསལ་དོད་པོས་ཆེ་རུ་གཏོང་བ་དང་། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བའི་ཚོར་སྐྱེན་རང་བཞིན་ཆེ་རུ་བཏང་ནས། རིམས་ནད་ཐོན་པ་ཤེས་ཚེ་མགྱོགས་མྱུར་དོ་དམ་ཚོད་འཛིན་དང་གྲལ་བཤེར་བྱས་ཏེ། གཏན་འབེབས་བྱས་པའི་དུས་ཚོད་ནང་ཉེན་ཁ་ཡོད་པའི་མི་སྣ་དབྱེ་བཤེར་ཐུབ་པ་བྱེད་དགོས། བཞི། རིམས་ནད་འགོག་ཟོན་དང་། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་གཅིག་གྱུར་འཆར་འགོད་བྱེད་དགོས། "རིམས་ནད་འགོག་ཐུབ་པ་དང་། དཔལ་འབྱོར་བརྟན་པོ་ཡོང་བ། གོང་འཕེལ་སྐྱོན་བྲལ་ཡིན་པ"བཅས་ཀྱི་བླང་བྱ་དོན་འཁྱོལ་ཡག་པོ་བྱས་ནས། གཟབ་ནན་དང་བརྟན་པོའི་སྒོ་ནས་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་དགོས་པ་དང་། ཁེ་ལས་དང་རྣམ་གྲངས་འཛུགས་སྐྲུན་ཚན་པའི་རིམས་འགོག་འགན་འཁྲི་གཙོ་བོ་ནན་དཀྲི་བྱས་ནས། གནས་གཅིག་ལ་གཅིག་གཏད་ཀྱིས་ཟླུམ་འཁོར་དོ་དམ་བྱེད་ཐབས་དོན་འཁྱོལ་བྱེད་དགོས། ལྔ། མི་སྣའི་བདེ་ཐང་ལྟ་དཔྱད་ཡག་པོ་བྱེད་དགོས། རྒྱ་ཆེའི་མང་ཚོགས་ཀྱིས་རང་རྟོགས་ངང་རིམས་ནད་འགོག་ཟོན་གཏན་འབེབས་ལ་བརྩི་སྲུང་ཞུས་ཏེ། ཉིང་སྐྱུར་བརྟག་དཔྱད་བྱེད་པར་རང་འགུལ་ངང་གཞོགས་འདེགས་བྱེད་དགོས་པ་དང་། ངེས་པར་དུ་ཁ་རས་རྒྱག་དགོས། ལུས་དྲོད་འཇལ་བ་དང་། བདེ་ཐང་བཤེར་རྟགས་བཤེར་བ། འགྲོ་སྐྱོད་བཤེར་རྟགས་བཤེར་བ་སོགས་ཀྱི་བྱེད་ཐབས་ལག་བསྟར་བྱེད་དགོས་པ་དང་། ལག་པ་ཡང་སེ་བཀྲུ་བ་དང་། རྒྱུན་དུ་གཙང་སྦྲ་བྱེད་པ། སྤྱི་ཐུར་སྤྱོད་པ་སོགས་ཀྱི་འཕྲོད་བསྟེན་གོམས་གཤིས་རྒྱུན་འཁྱོངས་བྱེད་དགོས། གལ་སྲིད་ཚ་བ་རྒྱས་པ་དང་། སྐམ་གློ་རྒྱག་པ། གཟུགས་པོ་ཤུགས་མེད་པ། མིད་པ་ན་བ། སྣོམ(ལྕེ)ཚོར་ཉམས་པ་སོགས་ཀྱི་ནད་རྟགས་ཐོན་ཚེ་འཕྲལ་མར་དམིགས་འཛུགས་སྨན་ཁང་གི་ཚ་རྒྱས་སྒོ་བསྟེན་སྨན་བཅོས་ཁང་དུ་ཕྱིན་ནས་སྨན་བཅོས་བྱེད་པ་དང་འབྲེལ་གོ་རིམ་གཞིར་བཟུང་སྙན་སེང་ཞུ་དགོས། བཀག་རྒྱ་གློད་ཀྱང་འགོག་ཟོན་ལྷོད་རྒྱུ་མེད། ལྷོད་དུ་བཏང་ཡང་ལྷོད་གཡེང་བྱེད་རྒྱུ་མེད། རང་རེའི་གྲོང་ཁྱེར་གྱིས་སྔར་བཞིན"ཕྱི་ནས་མི་འགོས་པ་དང་ནང་དུ་བསྐྱར་ལོག་མི་ཡོང་བའི"སྤྱིའི་ཐབས་ཇུས་དང་"སྐབས་བསྟུན་གཙང་བཟོའི"སྤྱིའི་བྱེད་ཕྱོགས་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། ཚན་རིག་དང་མཐུན་ཞིང་གནད་ལ་འཕིགས་པའི་སྒོ་ནས་རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་ཟོན་ནན་པོ་བྱེད་རྒྱུ་ཡིན་པས། རྒྱ་ཆེའི་མང་ཚོགས་ཚོས་རིམས་ནད་འགོག་ཟོན་གྱི་བྱེད་ཐབས་ཁག་ལག་བསྟར་བྱེད་པར་མུ་མཐུད་ནས་རྒྱབ་སྐྱོར་གནང་སྟེ། ཐོབ་པར་དཀའ་བའི་རིམས་འགོག་གྲུབ་འབྲས་སྲ་བརྟན་བཏང་ནས། བདེ་ཐང་ལྡན་པའི་ཁྱིམ་གཞིས་མཉམ་དུ་སྲུང་སྐྱོང་བྱེད་དགོས།


 

ནག་ཆུ་གྲོང་ཁྱེར་གྱི་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་།

2022ལོའི་ཟླ་9ཚེས་14ཉིན།



  扫码关注我们  

主编:杜 林 春  

责编:次旺 塔培

编辑:才仁拉珠

求分享

求点赞

求在看


您可能也对以下帖子感兴趣

文章有问题?点此查看未经处理的缓存